རྡ་སར་འབར་རྫས་རྙེད་སོང་ཟེར་ཡང་དོན་དངོས་འབར་རྫས་རེད་མི་འདུག
ཐེངས་ 7661 བཀླགས་འདུག
རྡ་སར་རྙེད་པའི་ཅ་དངོས་དེ་འབར་རྫས་མིན་པར་ངོས་འཛིན།
ཟླ་འདིའི་ཚེས་ ༡༤ ཉིན་གྱི་སྔ་དྲོར་དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་དྲུང་འཕར་ཀརྨ་རིན་ཆེན་ལགས་ཀྱིས། ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་སྤྱི་ཚོགས་དྲ་ལམ་ཁག་གི་ནང་བཞུགས་སྒར་རྡ་སའི་གླིང་སྐོར་གྱི་ལམ་དུ་འབར་རྫས་རྙེད་པ་རེད། ཅེས་པའི་གནས་ཚུལ་ཁྱབ་སྤེལ་ཤུགས་ཆེར་ཕྱིན་ཡོད་ཀྱང་། དོན་ངོ་མའི་ཐོག་ནས་དངོས་རྫས་དེ་འབར་རྫས་མ་ཡིན་པར་གསལ་པོ་བྱུང་ཡོད་སྐོར་འགྲེལ་བཤད་གནང་སོང་། དེ་ཡང་ཁོང་གིས་གསུང་ན། “རྡ་སའི་གླིང་སྐོར་ལམ་དུ་འབར་རྫས་རྙེད་པ་རེད། ཅེས་འབར་རྫས་རྙེད་པའི་གླེང་སློང་གིས་སྤྱི་ཚོགས་ནང་འདྲོགས་བསླངས་སོང་། དངོས་རྫས་དེར་བལྟས་པ་ཙམ་གྱི་དངངས་སྐྲག་དང་དོགས་འདྲོག་ཡོང་རྒྱུ་ཞིག་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ཏུ་སྤེལ་བཞིན་པ་དང་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ནང་དུའང་གནས་ཚུལ་དེ་བཀོད་འདུག་པས། གནད་དོན་དེའི་ཐད་བདེ་སྲུང་ལས་ཁུངས་ནས་དངོས་རྫས་དེ་དོན་དངོས་ཅི་ཡིན་ཞིབ་འཇུག་བྱ་ཆེད་འབྲེལ་ཡོད་ས་གནས་སྐོར་སྲུང་ལས་ཁུངས་སུ་རྩིས་སྤྲོད་པ་ཡིན། ས་གནས་སྐོར་སྲུང་ལས་ཁུངས་ནས་ཀྱང་ཛ་དྲག་ཐོག་ཆེད་ལས་པ་སྐད་བཏང་ནས་ཞིབ་འཇུག་མཐིལ་ཕྱིན་གནང་བར་བརྟེན་དངོས་རྫས་དེ་ནི་འབར་རྫས་སོགས་ཉེན་ཚབས་ཅན་གང་ཡང་མིན་སྐོར་གསལ་པོ་བྱུང་ཡོད་པ་རེད། ”ཅེས་འགྲེལ་བརྗོད་གནང་འདུག
བདེ་སྲུང་དྲུང་འཕར་ཀརྨ་རིན་ཆེན་ཁོང་གིས། “ངས་མི་མང་ཡོངས་ལ་ཞུ་རྒྱུར། སྤྱི་ཚོགས་ཀྱི་དྲ་ལམ་ཁག་གི་ནང་གནས་ཚུལ་ཞིབ་ཕྲ་མ་བརྟག་མ་དཔྱད་པར་གང་དྲན་བཀོད་རྒྱུ་དེ་རྩ་བ་ནས་ཡག་པོ་མི་འདུག གནས་ཚུལ་ཆ་ཚང་རྟོགས་པའི་རྗེས་སུ་མང་ཚོགས་ལ་བརྒྱུད་བསྒྲགས་གནང་བ་ཡིན་ན་འོས་པ་ཞིག་རེད། དེ་མིན་གང་བྱུང་བརྒྱུད་བསྒྲགས་གནང་བ་ཡིན་ན་སྤྱི་ཚོགས་ནང་དོགས་འདྲོག་ཡོང་རྒྱུ་དང་། དེ་ཡང་འབར་རྫས་རིགས་དང་། ལྷག་པར་བཞུགས་སྒར་གླིང་སྐོར་ཉེ་འཁོར་དུ་རྙེད་པ་རེད་ཅེས། ཧ་ལམ་ཆ་ཚང་ཧ་གོ་གི་ཡོད་པ་ལྟ་བུ་བྱས་ཏེ་སོ་སོའི་ངོས་ནས་ཞིབ་འཇུག་མཐིལ་ཕྱིན་བྱས་པ་ལྟ་བུ་གནང་ན་རྩ་བ་ནས་ཡག་པོ་མིན་འདུག བྱེད་སྟངས་དེ་ཚོ་ནི། ང་ཚོའི་སྤྱི་ཚོགས་ལྷིང་འཇགས་ལ་གནོད་པ་མ་ཟད། དོ་བདག་རང་ཉིད་ལ་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་སྲིད་པ་ཞིག་རེད། གང་ཡིན་ཞེ་ན་གནས་ཚུལ་འདི་རིགས་ཧ་ཅང་ཉེན་ཚབས་ཆེན་པོ་ཡིན་པར་བརྟེན། མ་འོངས་པར་ཚང་མས་ཐུགས་གཟབ་གནང་རོགས་ཞུ་རྒྱུ་ཡིན། ལྷག་པར་མི་མང་ཡོངས་ལ་ཞུ་རྒྱུར། དངོས་རྫས་དེ་ནི་གད་སྙིགས་ཙམ་ལས་གཞན་གང་ཡང་རེད་མི་འདུག་པས་ཚང་མ་བློ་བདེ་པོ་གནང་རོགས་ཞུ་རྒྱུ་ཡིན། ཞེས་གནས་ཚུལ་དེའི་སྐོར་གསལ་བཤད་ཞིབ་ཕྲ་གནང་སོང་།
འདི་ནས་རོབ་ཙམ་ཞིབ་འཇུག་བྱེད་པ་ལྟར་ན། གནས་ཚུལ་ཁྱབ་སྤེལ་ཤུགས་ཆེར་འགྲོ་སའི་བརྒྱུད་ལམ་ཁག་ནི། བོད་ཀྱི་དུས་བབ།
http://tibettimes.net/news.php?showfooter=1&id=9681
བོད་ཀྱི་བང་ཆེན། http://bangchen.net/b-141/
བོད་ཀྱི་མང་གཙོ་དྲ་ཚིགས། http://democracyoftibet.com
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་དྲ་གནས།
http://www.rfa.org/tibetan/sargyur/suspicious-package-found-in-dhasa-01132015170738.html
ཨ་རིའི་བོད་སྐད་རླུང་འཕྲིན་གྱི་དྲ་གནས།
http://www.voatibetan.com/content/article/2596813.html
བཅས་ཡིན་པར་རྟོགས་སོང་ཡང་། གནས་ཚུལ་ཁྱབ་སྤེལ་ཕྱིན་པ་དེ་རྣམས་འུར་ཆེན་པོའི་རྣམ་པ་ཙམ་དུ་གྱུང་ཀྱང་དཀྲོག་གཏམ་གྱི་སྐད་ཆ་ཞིག་ནི་རེད་མི་འདུག