བོད་ཀྱི་དུས་བབ་གསར་ཁང་ལ་གསར་འགོད་པ་གཉིས་དགོས་ཀྱི་འདུག་ཟེར།
ཐེངས་ 30054 བཀླགས་འདུག
དུས་བབ་ཀྱི་གསལ་བསྒྲགས།
བོད་ཀྱི་དུས་བབ་གསར་ཁང་དུ་གསར་འགོད་པ་གཉིས་དང་། འབྲེལ་མཐུད་པའི་ས་མིག་ཐོག་ཆོད་གན་ལས་བྱེད་གཅིག་བཅས་ཀྱི་ས་མིག་ཡོད་པས། ལས་གནས་འདིར་ཞུགས་འདོད་ཡོད་རིགས་ཚོས་འོག་གི་ཆ་རྐྱེན་ལྟར་སྙན་ཞུ་འབུལ་དགོས། ཀ༽ གསར་འགོད་པའི་ས་མིག་གཉིས་ལས་གཅིག་གསར་འགོད་པ་སྤྱི་མཚུངས་དང་། གཞན་དེའི་ལས་འགན་གསར་འགོད་ལས་རོགས་དང་བརྙན་ལེན་སྒྲིག་སྦྱོར་སོཊ་ཡིན་སྟབས་ས་མིག་འདིར་བུད་མེད་སྙན་ཞུ་འབུལ་མཁན་ལ་དམིཊ་བསལ་ཡོད། ཁ༽ཆོད་གན་འབྲེལ་མཐུད་པའི་དུས་ཡུན་ལོ་ ༡ དང་ཟླ་རེར་གསོལ་ཕོཊ་ཧིན་སྒོར་ ༢༤༠༠༠ ཡིན། ལས་འགན་གཙོ་བོ་དུས་བབ་གསར་ཁང་གི་འཛིན་སྐྱོང་དང་འབྲེལ་བའི་ལས་དོན་ཡིན་ཞིང་ལས་ཀའི་ཉམས་མྱོང་ཡོད་མཁན་ལ་དམིགས་བསལ་ཡོད།
གསར་འགོད་པའི་ཆ་རྐྱེན།
༡། བོད་ཡིག་གཙོ་བོར་བྱས་ཏེ་དབྱིན་ཡིག་དང་རྒྱ་ཡིག་གང་རུང་རང་སྐྱ་འཕེར་བ།
༢། རང་བཙན་ལག་དེབ་ཀྱི་དཔྱ་དངུལ་དུས་ཐོག་ཕུལ་ཟིན་པ།
༣། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ R.C ཡོད་པའམ།ཡང་ན་ཐོ་ཁོངས་སུ་ཡོད་པ།
༤། ལས་ཁུངས་གཞན་དུ་ལས་ཀ་བྱེད་བཞིན་པ་ཡིན་ན་ལས་ཁུངས་དེ་ནས་དགག་བྱ་མེད་པའི་རྒྱབ་གཉེར་ཡི་གེ་ཡོད་པ།
འབྲེལ་མཐུད་པའི་ཆ་རྐྱེན།
༡། འབྲེལ་མཐུད་ཀྱི་བརྒྱུད་ལམ་གཙོ་བོ་དབྱིན་ཡིག་དབྱིན་སྐད་ཡིན་སྟབས། མ་མཐར་དབྱིན་ཡིག་ཐོག་ (Bachelor Degree) སློབ་ཐོན་ལག་འཁྱེར་ཡོད་པ་དང་། ཡང་ན་དེ་དང་མཉམ་པའི་གནས་ཚད་ཡོད་པ།
༢། རང་བཙན་ལག་དེབ་དང་རྒྱ་གར་ནང་གནས་སྡོད་ཆོག་པའི་ R.C སོགས་དགོས་ངེས་ཡིག་ཆ་འཐུས་ཚང་ཡོད་པ།
༣། འབྲེལ་མཐུད་ལས་རིགས་ལ་སྤྲོ་སྣང་ཡོད་པ་དང་། ཆོད་གན་དུས་ཡུན་ཧྲིལ་བོར་སྡོད་ཐུབ་པ།
ཐུགས་འདོད་ཡོད་རིགས་ཀྱིས་ ༢༠༡༥ ཟླ་ ༣ ཚེས་ ༣༡ འགྱངས་མེད་འདི་གར་སྙན་ཞུ་འབུལ་རྒྱུ་དང༌། སྙན་ཞུའི་ཡི་གེ་སྦྲགས་ཐོག་དང་གློག་འཕྲིན་གང་རུང་བརྒྱུད་བསྐུར་ཆོག སྙན་ཞུ་དང་མཉམ་དུ་ལས་ཀའི་ཉམས་མྱོང་དང་སློབ་ཐོན་ལག་འཁྱེར་སོགས་གང་ཡོད་ཀྱི་ངོ་བཤུས། དེ་བཞིན། དོ་བདག་གི་གློག་འཕྲིན་དང་སྡོད་གནས་ཁ་བྱང་། ཁ་པར་ཨང་སོགས་གང་ཡོད་མཉམ་སྦྱར་བསྐུར་དགོས།
གློག་འཕྲིན། editor@tibettimes.net / office@tibettimes.net
ཁ་པར། ༩༤༡༨༡༠༦༠༥༤ ། ༩༤༡༨༠༢༤༡༠༧ གསལ་བསྒྲགས་ཡོང་ཁུངས་བོད་ཀྱི་དུས་བབ།
———————————————————————————————-
POST VACANCY ANNOUNCEMENT
Bod-Kyi-Dus-Bab (Tibet Times) an independent Tibetan Language newspaper located at Gangchen Kyishong, Dharamsala invites application for Two Reporters and one Project Manager (1 year Contract)
A. REPORTERS
1st Reporter
Job Description: Responsible for routine Journalist duties
2nd Reporter
Job Description: Responsible in assisting the reporters, video-graphy, video editing and newspaper layout. Preference will be given to female candidates
Qualification & Requirements:
1. Proficiency in Tibetan language with good command over either English or Chinese languages
2. Updated Green Book
3. Updated Registration Certificate (R.C)
4. No objection certificate from present employer, if employed
B. PROJECT MANAGER (1 year Contract)
Job Description: Responsible for Administrative related work, assist the Managing Director and other related activities. Preference will be given to experienced candidates.
Pay Scale: Gross pay of Rs. 24,000/- pm, including rent & other incentives
Qualification & Requirements:
1. Minimum B.A. or equivalent degree with good command over written and spoken English
2. Updated Green Book & Registration Certificate (R.C)
3. Good public relations skill & require to serve one year contract term.
The interested candidates may submit their applications with all the relevant documents including work experience certificate (if any), latest by March 31, 2015 at below postal address or via email. Provide clear forwarding Residential address with email and phone number.
Address your application to:
“Confidential”
Managing Director, Tibet Times, Session Road, Dharamsala – 176215, (H.P) India
Email ID: office@tibettimes.net or bodkyidusbab@gmail.com
Phone No.: (office) +91-92189-38041 (9 am to 5 pm)
Managing Director: +91-94181-06054 Editor: +91-94180-24107