ཚད་མཐོའི་རང་སྐྱོང་ལེཌ་སམ་རང་བཙན་ལེགས།
ཐེངས་ 7808 བཀླགས་འདུག
ཚད་མཐོའི་རང་སྐྱོང་ལེགས་སམ་རང་བཙན་ལེགས།
རྩོམ་པ་པོ། John Billington
རྡ་ས་གངས་སྐྱིད་དུ་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་ནི། སེམས་འགུལ་ཐེབས་དགོས་པ་ཞིག་འདུག་ལ། སྣེ་ལེན་པ་ཚོས་ཀྱང་དེ་ལ་ལྟ་སྐོར་མཁན་གྱི་མགྲོན་པོ་ཚོ་ལ། བོད་པ་ཡིན་ཟེར་བཞིན་སྣེ་ལེན་བྱེད་པ་མ་ཟད། འདི་དང་འདི་ང་ཚོའི་ལོ་རྒྱུས་རེད་ཟེར་ནས་ངོ་སྤྲོད་བྱེད་བཞིན་འདུག དེར་བརྟེན་བོད་མི་རིགས་ཀྱིས་ལོ་ངོ་དྲུག་ཅུ་ལྷག་ལ་དྲང་བདེན་མ་ཡིན་པའི་དཀའ་སྡུག་མྱོང་བའི་ལོ་རྒྱུས་མངོན་གསལ་དོད་པོ་ཆགས་པས། ངའི་མིག་མཐའ་ད་དུང་ཡང་མཆིལ་མས་བརླན་ནས་ཡོད།
ཕྱི་ལོ ༡༩༦༡ ལོའི་གསུམ་ཅུའི་དུས་དྲན་གྱི་སྐབས་སུ་༧གོང་ས་མཆོག་ནས། ” ངས་བོད་ནང་དུ་རྒྱ་ནག་གི་དྲག་གནོན་མཚམས་འཇོག་བྱ་ཆེད་དང་། བོད་ཀྱི་རང་བཙན་སླར་གསོ་བྱ་ཆེད་དུ་ང་ཚོའི་རྒྱབ་སྐྱོར་བ་ཚོ་དང་མཉམ་འབྲེལ་རྒྱལ་ཚོགས་ལ། ཁྱེད་ཚོས་ང་ཚོར་རོགས་པ་བྱེད་རྒྱུར་རེ་བ་བྱེད་ཀྱི་ཡོད། ཅེས་ཞུས་ཡོད་ལ། བོད་ནང་གི་བོད་མི་ཚོས་ཀྱང་རང་བཙན་སླར་གསོ་བྱ་རྒྱུའི་ཆོད་སེམས་མུ་མཐུད་དུ་ཉར་ནས་ཡོད་རེད། ” ཅེས་གསུངས་ཡོད། འོན་ཀྱང་། ༡༩༨༧ ལོར་བོད་པས་མན་ཇུ་དང་སོག་པོ་ལ་བཞག་པའི་མཆོད་ཡོན་གྱི་འབྲེལ་བ་ལྟར་བོད་ཀྱི་ཕྱི་སྲིད་རྒྱ་ནག་ལ་སྤྲད་དེ། རྒྱལ་ཁོངས་སུ་བོད་པ་རང་སྐྱོང་ཁོ་ན་བྱེད་རྒྱུར་ཁས་ལེན་བྱས་པས། དེ་ནས་བཟུང་། བོད་པའི་འཐབ་རྩོད་ཀྱི་ངོ་བོ་ལ་འགྱུར་བ་ཕྱིན་ནས། གནས་བབ་དེའི་མིང་ལ་” དབུ་མའི་ལམ་” ཞེས་ཡོངས་གྲགས་བྱེད་བཞིན་ཡོད། ཉེ་ཆར་ང་རང་རྡ་སར་ཕྱིན་ཡོད། ང་ནི་སྐུ་མདུན་ལ་དགའ་མཁན་དང་གུས་ཞབས་བྱེད་མཁན་ཞིག་ཡིན་ཡང་། ད་དུང་ཡང་ངས་དབུ་མའི་ལམ་གྱི་གོ་དོན་དེ་གསལ་པོ་ཞིག་རྟོགས་མི་ཐུབ་པའི་ཁར། ཐབས་སྐྱོ་བ་ཞིག་ལ། ང་བོད་པ་ཞིག་ཡིན་པའི་དབང་དུ་བཏང་ཡང་། དབུ་མའི་ལམ་གྱི་གོ་དོན་དེ་ཧ་མི་གོ་བ་མ་ཟད། དབུ་མའི་ལམ་གྱིས་ངའི་བསམ་བློ་ལ་འགྱུར་བ་གཏོང་ཐུབ་མ་སོང་།
ཕྱི་ལོ་༢༠༢༢ ཟླ ༡༢ ཚེས ༣ ཉིན། ཕྲན་སྒེར་ངོས་ནས་ནས་སྐུ་མདུན་མཇལ་རྒྱུའི་གོ་སྐབས་བྱུང་བས་ཧ་ཅང་དགའ་པོ་བྱུང་། འོན་ཏེ། སྐུ་མདུན་དང་ང་ཚོའི་མི་རབས་ནི་དམག་འཁྲུགས་མང་པོ་བརྒྱུད་ནས་མཚར་ལོངས་བྱུང་བ་ཞིག་ཡིན་ཞིང་། དཀའ་སྡུག་གི་ཉམས་མྱོང་གི་ཁྲོད་དུ་གོ་རྟོགས་མི་ཉུང་བ་ཞིག་སད་ནས་ཡོད་ན་ཡང་། སྐུ་མདུན་གྱི་ངོས་ནས” ་རང་བཙན་ནས་དབུ་མ་ལ་འགྱུར་བ་བཏང་བར་” སེམས་ལ་སྐྱོ་སྣང་སྐྱེས་ཏེ། ངས་མོས་མཐུན་བྱེད་ཐུབ་ཀྱི་མི་འདུག དེའི་ཐད་གོ་རྟོགས་ཡོད་པའི་མི་ཞིག་གིས། ང་ལ” ཚད་མཐོའི་རང་སྐྱོང་” ནི་རང་བཙན་ལས་ཡག་ག་ཡོད་པའི་འགྲེལ་བཤད་ཅིག་གནང་ན་ཅི་མ་རུང་སྙམ་པའི་བསམ་བློ་ཡང་ཡང་འཁོར་གྱི་འདུག རྒྱུ་མཚན་ནི། ངས་རང་བཙན་ནས་དབུ་མ་ལ་བསྒྱུར་བ་ལ་རྒྱུ་མཚན་དང་གནས་ལུགས་མ་མཐོང་བས་དབང་གིས་ཡིན། དེར་བརྟེན། སྟོན་པ་ཤཱཀྱ་ཐུབ་པས། ”ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་པ་དེ་ངས་ལག་ལེན་ལ་མ་བསྟར་རང་བསྟར་རེད། གོང་དུ་ལུང་འདྲེན་ཞུས་པ་ལྟར། བཀའ་ལུང་དེས་སངས་རྒྱས་ཀྱི་བཀའ་ཡིན་ཡང་རྒྱུ་མཚན་མེད་ན། ལག་ལེན་དུ་བསྟར་མི་དགོས་ཞེས་བསྟན་ཡོད།
ལོ་ངོ་ ༧༠ ཡར་སྔོན་དུ། ང་རང་སློབ་གྲྭར་འགྲོ་སའི་དབྱིན་ཇིའི་སློབ་གྲྭའི་ནང་དུ” དབུ་མའི་ལམ་ནི་ཡག་ཤོས” ཡིན་ཟེར་ནས་སྡོམ་ཚིག་ཅིག་བརྒྱབ་ཡོད་པས། ང་ནི་དབུ་མའི་ལམ་གྱི་ལྟ་གྲུབ་ལ་ཆ་རྒྱུས་ཡོད། དབྱིན་ཇིའི་ཚན་ཉིད་རིག་པ་བ་ Lord Francis Bacon ལོར་ཌི་ཧྥིརན་སིསི་བྷེ་ཁེན་དང་། དབྱིན་ཇིའི་རྩོམ་པ་པོ William Shakespeare ཝིལ་ཡིམ་ཤེཀསི་ཕིར་བཅས་ཀྱིས། དབུ་ལམ་གྱི་ལྟ་གྲུབ་དེ་ཚན་རིག་དང་ཚན་ཉིད་རིག་པའི་ནང་དུ་ཉམས་ལེན་བྱས་ཡོད། མཁས་པ་རྣམ་གཉིས་ཀྱི་དགོངས་པ་བབ་ས་ནི། མི་མཐུན་པའི་ཕྱོགས་གཉིས་ཀའི་འདོད་པ་ལ་གུས་ཞབས་བྱས་ཏེ། བར་གནས་ཀྱི་ཐག་གཅོད་བྱེད་དགོས་པ་དང་། དེ་ལྟར་བྱེད་པ་ལ་ཕྱོགས་གཉིས་ཀ་དྲང་པོ་དང་འགྲིག་འཇགས་ཆེད་དུ། ཕན་ཚུན་གཉིས་ཀ་རང་རང་གི་ས་ནས་གོང་ཚད་མར་ལ་འབབ་ཐུབ་མཁན་ཞེས་ཡིན་དགོས།
༧གོང་ས་མཆོག་ལ་ཞུ་རྒྱུར། མ་ཏི་མཱ་གྷན་དྷེ་ཡིས་རྒྱུན་ཆད་མེད་པར་འབད་བརྩོན་དང་། འཆར་གཞི་བསྒྲིགས་ནས་འཐབ་རྩོད་གནང་ཡོད་པས། ཁོང་ནི་ཀུན་གྱིས་ཞི་བའི་མིག་དཔེ་ལྟ་སར་གྱུར་ཡོད། འོན་ཀྱང་། གྷན་དྷེ་ཡིས་འཐབ་རྩོད་བྱེད་ས་ནི་དབྱིན་ཇི་ཡིན་པས། དབྱིན་ཇི་ནི་སྤྱི་ཡོངས་ཀྱི་མི་དྲང་པོ་དང་། དྲང་བདེན་གྱི་ཆབ་སྲིད་སྐྱོང་མཁན་ཡིན་པས་དབྱིན་ཇི་ཡིས་རྒྱ་གར་ལ་དབང་བསྒྱུར་བྱེད་མཚམས་བཞག་ནས། རྒྱ་གར་དང་མཉམ་ལས་བྱས་ཡོད། འོན་ཀྱང་། རྒྱ་ནག་ནི་དབྱིན་ཇི་མ་རེད་ལ། རྒྱ་ནག་གི་བོད་ལ་འཛིན་པའི་སྲིད་ཇུས་ནི་ཧ་ཅང་གི་གདུག་རྩུབ་དང་། དྲག་གནོན་བྱེད་པ་དེ་རེད། ལོ་ངོ་༧༠ ལྷག་གི་རིང་ལ་རྒྱ་ནག་གིས་བོད་ལ་སྙིང་རྗེ་དང་དོན་དམ་པའི་གུད་ཡངས་ཀྱི་སྲིད་ཇུས་ཟེར་བ་ཞིག་བཟུང་མྱོང་མེད་པ་རེད།
རྒྱ་ནག་གི་མིའི་ཁྲག་རྒྱུན DNA ནང་དུ་རྒྱ་རིགས་ནི་མི་རིགས་ཀུན་ལས་མཆོག་ཏུ་གྱུར་པ་ཞིག་ཡིན་པར་འདོད་པས། རྒྱ་ནག་གོང་མ་ལྷ་ཡི་བུ་ཡིན་པ་དང་། དེའི་ས་ཆ་ལ་རྒྱལ་མཚམས་མེད་པས་མཐའ་མཚམས་ཀུན་ལ་དབང་བསྒྱུར་བྱེད་རྒྱུའི་ལྟ་བ་ཡོད་པ་ཡིན་དུས། བོད་པ་ཐེ་བའི་རྒྱ་ནག་གི་མཐའ་མཚམས་ཡོངས་རྫོགས་རྒྱ་ནག་ལ་དབང་གི་ཡོད་པར་འདོད་པས། ཁོ་ཚོས་ས་ཁུལ་དེ་དག་གཏན་ནས་བློས་མི་གཏོང་བ་མ་ཟད། ཧྥ་ལོང་གོ་དང་རྒྱ་ནག་གི་ཕྱི་རོལ་གྱི་འཇིག་རྟེན་ཡང་ཁོ་ཚོས་བློས་གཏོང་བྱེད་མི་སྲིད། རྒྱ་ནག་གུང་ཁྲན་ཏང་གི་འགོ་ཁྲིད་ཚོ་ནི་རང་ལྟ་མཆོག་འཛིན་གྱི་གོམས་གཤིས་ངན་པ་དེའི་རྗེས་འཛིན་པ་དང་། ཤུགས་རྐྱེན་ཐེབས་མཁན། རང་ཉིད་གཞན་ལས་མཆོག་གྱུར་ཡིན་པ་མཁྲེགས་འཛིན་གྱི་ལྟ་བ་དེས་དབང་གིས། མཐའ་མཚམས་ཀྱི་ས་ཆ་ཚང་མ་བློས་གཏོང་གཏན་ནས་མི་བྱེད། དེེར་བརྟེན། སྐུ་མདུན་ལགས། ཁྱེད་ཀྱི་ཐུགས་རེ་ལྟར་རྒྱ་ནག་མི་མང་ལ་སྤུན་ཟླའི་ངོས་འཛིན་བྱེད་འོས་ཀྱང་། རྒྱ་ནག་གི་ཕྱོགས་ནས། ལོ་རྒྱུས་ཀྱི་ནང་དུ་བོད་ནི་ནམ་ཡང་ང་ཚོ་དང་འདྲ་མཉམ་ཡིན་པར་ངོས་འཛིན་བྱེད་ཀྱི་མེད།
ང་རང་རྡ་ས་ལ་ལྟ་སྐོར་དུ་ཕྱིན་པའི་སྐབས་སུ། ངས་ཧ་གོ་དཀའ་བ་ཞིག་ནི། བོད་པ་ཚང་མས་རྒྱ་ནག་གུང་ཁྲན་ཏང་གློ་བུར་འཐོར་ཞིག་ཕྱིན་པ་ཡིན་ན། གནས་སྟངས་ཚང་མ་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་གི་རེད་བསམ་པའི་གནད་དོན་དེ་རེད། ངས་བོད་གཞུང་གི་ལས་བྱེད་རྒན་པ་ཁག་ཅིག་ལ་སྐད་ཆ་དྲིས་སྐབས། ཁོ་ཚོས” གལ་སྲིད་དབུ་མའི་ལམ་ལ་རེ་བ་མེད་པ་ཆགས་དུས། ང་ཚོས་སྲིད་ཇུས་ལ་འགྱུར་གཏོང་ཆོག་གི་རེད།” ཅེས་ལབ་ཀྱི་འདུག དེ་ནི་རེ་བ་ཙམ་རེད། བོད་པ་གཞོན་སྐྱེས་ཚོར་ཁ་བརྡ་བྱེད་པའི་སྐབས་སུ། ཁོ་ཚོས” ང་ཚོའི་མི་ནི་ཞི་བ་ཡིན་ཞིང་། ཡིན་དགོས་དོན་ཡང་ང་ཚོ་མི་ལ་བྱ་རྒོད་ལྟར་སྡེར་མོ་མེད་པ་མ་ཟད། སྟག་ལྟར་མཆེ་བ་ཡང་མེད་པས་ཡིན་ཚུལ་བརྗོད་ཀྱི་འདུག དེ་ནི་ཁོ་ཚོས་སྐུ་མདུན་གྱི་གསུངས་ལ་ནེ་ཙོ་ལྟར་ལད་ཟློས་བྱས་པ་ཞིག་རེད། ངས་བསམ་ན། དེ་ལ་རྒྱུ་མཚན་ཚད་ལྡན་ཞིག་མི་འདུག བོད་ཀྱི་ངག་རྒྱུན་དུའང་བོད་པ་ནི། སྤྲེའུ་ལས་མཆེད་པ་ཞིག་ཡིན་གསུངས་པས། དུས་རབས ༡༩ པའི་ནང་དུ་བྱུང་བའི་ Charles Darwin ཆའརལ་སི་ཌརཝིན་གྱི་འགྲོ་བ་མི་བྱུང་སྟངས་ཀྱི་ལྟ་གྲུབ་དང་མཐུན་ཙམ་ཡོད་པ་རེད།
སྤྲེའུ་ནི་ཞི་བ་དང་བཟང་སྤྱོད་ཅན་རེད་དང་མ་རེད། ཁོ་ཚོ་ནི་རིགས་འདྲའི་སྲོག་ཆགས་གཅིག་མཚུངས་ལྟར་ཡིན་ངེས་རེད། འོན་ཀྱང་། སྤྲེའུ་ཚོས་དམག་འཁྲུགས་ཀྱང་བྱེད་ཤེས་ཀྱི་ཡོད། ཁོ་ཚོས་ཕན་ཚུན་ལ་ཁོ་ཁོ་ནཱ་ཚི ( coconuts ) གཡུག་ནས་འཁྲུགས་པ་བྱེད་ཀྱི་ཡོད། མི་ནི་སྤྲེའུ་ལས་མཆེད་པ་ཡིན་པས་མི་ཡིས་ཀྱང་ཞི་དྲག་གཉིས་ཀ་ཤེས་ཀྱི་ཡོད། ལྷག་པར་དུ་མི་ནི་སྲོག་ཆགས་གཞན་དང་མི་འདྲ་བ་རྡོ་བེད་སྤྱོད་གཏོང་ནས་མཚོན་ཆ་བྱེད་བཞིན་ཡོད་ལ། རིམ་བཞིན་མདའ་དང་གཞུ་ཡང་བེད་སྤྱོད་བཏང་ཡོད། དེ་ནས་རལ་གྲི་དང་མེ་མདའ། ལྕགས་འཁྲབ་འཁོར་ལོ་དང་གནམ་གྲུ། འབར་རྫས་སོགས་བེད་སྤྱོད་གཏོང་ཡོད། མ་ཟད་ད་ལྟ་དེ་ལས་འཕེལ་རྒྱས་སུ་བཏང་ནས་རྡུལ་ཕྲན་མཚོན་ཆ་དང་མི་མེད་གནམ་གྲུ Drones སོགས་བཟོས་ནས་དམག་འཁྲུགས་བྱེད་ཀྱིན་ཡོད། དེར་བརྟེན། འགྲོ་བ་མིའི་རིགས་ནི་དངོས་གནས་ཞི་བ་དང་བཟང་སྤྱོད་ཅན་རེད་དང་མ་རེད། རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་ཇུས་ལས་བཟང་སྤྱོད་དང་ཞི་བ་ཞིག་མཐོང་གི་འདུག་གམ། གལ་སྲིད་མ་མཐོང་ན། བོད་པ་ཚོས་རྒྱ་ནག་དང་ལྷན་དུ་གྲོས་མོལ་དང་རྒྱ་ནག་ལ་ཡིད་ཆེས་བྱེད་དགོས་དོན་ཅི་ཡིན། མ་ཟད་ངས་བོད་པ་གཞོན་སྐྱེས་ཚོ་ལ་གཏམ་དཔེ་ཞིག་ལབ་ཡོད། “ ང་ཚོས་རང་དབང་ལ་རྒྱུན་ཆད་མེད་པ་ལྟ་རྟོག་བྱས་ནས་འདུག་དགོས་ཀྱི་རེད། རྒྱུ་མཚན་ནི། ཅི་ཡང་ལྟ་རྟོག་མ་བྱེད་པར་བསྡད་པ་ཡིན་ན། རྐུན་མ་དང་ཇག་པ་ལ་མགྲོན་ཤོག་བཏང་བ་ལྟར་ཡིན་པས། རྐུ་ཇག་ཡོང་རྒྱུར་གཏན་ཁེལ་བ་རེད། རྒྱུ་མཚན་ནི། རྐུན་མ་དང་ཇག་པས་ཁྱེད་ཀྱིས་ལྟ་རྟོག་བྱེད་ཀྱི་མེད་པ་འཚོར་གི་ཡོད་པས་དབང་གིས་རེད། དཔེར་ན། གཅན་གཟན་ཡིན་ཡང་། སྲོག་ཆགས་ཀུན་ལས་ཉམ་ཆུང་ཤོས་དང་འཛིན་སླ་ཤོས་དེ་དག་རང་གི་ཁ་ཟས་ཀྱི་ཆེད་དུ་གསད་ཀྱི་ཡོད་པས། ཉམ་ཆུང་དྲགས་པ་དང་རྒོལ་ལན་ཅི་ཡང་མ་སློག་པར་བསྡད་པ་ཡིན་ན། གཞན་གྱིས་གསོད་ངེས་རེད། དེར་བརྟེན་ཕ་རོལ་པོ་ལ་གདོང་ལེན་བྱེད་དགོས། ཞེས་དེ་ལྟ་བུའི་གནས་ལུགས་དེ། ངས་བོད་པའི་གྲོགས་པོ་གཞོན་སྐྱེས་ཚོ་ལ་ཤོད་དུས། ཁོ་ཚོ་ལ་ལན་ཅི་ཡང་མེད་པར་ཁུ་སུམ་མེར་སྡོད་ཀྱི་འདུག བྱས་ཙང་། དེས་ང་ལ་སེམས་ཁྲལ་བསླངས་སོང་།
མཁས་དབང་ William James ཞེས་པ་ཁོང་རྒྱུད་ནས། ངས་ཆོས་ལུགས་ཀྱི་ལྟ་གྲུབ་འདྲ་མིན་ཤེས་ཡོད་ལ། ཁོང་ནི་ཨ་རིའི་སེམས་ཁམས་རིག་པ་བ་ཞིག་དང་། སངས་རྒྱས་ཆོས་ལུགས་ལ་གོ་རྟོགས་ཡག་པོ་ཡོད་མཁན་ཞིག་རེད། ༡༩༠༢ ལོར་ཁོའི་གསུངས་རྩོམ་ཕྱོགས་བསྒྲིགས། སི་ཁོ་ལན་ཌིའི་རྒྱལ་ས་ Edinburgh ཨེ་ཌིན་བྷིརཱ་ནང་དུ་དཔར་བསྐྲུན་བྱས་ཡོད་ལ། ཁོང་གིས་” མིའི་བཟང་སྤྱོད་དམ། བྱང་ཆུབ་སེམས་པའི་སྤྱོད་པ་ཉམས་ལེན་བྱེད་པའི་སྐབས་སུ། མི་ངན་དུག་སྦྲུལ་འདྲ་བ་ (boa-constrictors) བྷོའ་ཁཱོན་སི་ཐྲིརིཌ་ཏར་ དེ་ཚོ་ལ་ཐུག་དུས། སྦྱིན་པ་གཏོང་བ་དང་བྱམས་སེམས་བྱེད་པ། དྲང་བདེན་གྱི་ལྟ་བ་ལ་གཞི་བཅོལ་ནས་དེ་ཚོ་ལ་འབྲེལ་བ་བྱེད་རྒྱུ་གཏན་ནས་མེད། མི་ངན་དེ་ཚོ་ལ་དེ་འདྲའི་འབྲེལ་བ་བྱེད་ན་སྨྱོན་པ་རེད། ཡིན་ཡང་། ང་ཚོས་མི་ངན་དུག་སྦྲུལ་འདྲ་བ་དེ་ཚོ་ལ་འགྱུར་བ་གཏོང་རྒྱུའི་སེམས་ཤུགས་ནམ་ཡང་ཆགས་མི་རུང་། ཁོ་ཚོའི་སེམས་གཤིས་ངན་པ་དེ་དག་སྒྱུར་ཐབས་ཡོད་བ་མ་རེད་ཟེར་ནས་ལབ་པའི་ཐོབ་ཐང་དེ་ཡང་ང་ཚོ་ལ་མེད། འོན་ཀྱང་། ང་ཚོས་ངེས་བར་དུ་མི་ངན་དུག་སྦྲུལ་འདྲ་བ་དེ་ཚོའི་རང་གཤིས་དེ་དག་ངེས་པར་དུ་ཤེས་པ་བྱེད་དགོས་ཀྱི་རེད།
སྤྱིར་བཟང་སྤྱོད་ལྡན་པའི་སྤྱི་ཚོགས་ཤིག་ཡོང་རྒྱུ་ནི་མེད་ཐབས་མེད་པའི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཡིན་ཡང་། མི་བཟང་པོའམ་བྱང་ཆུབ་སེམས་དཔའ་ཡིས། མི་ངན་དུག་སྦྲུལ་འདྲ་དེ་ཚོ་ལ་བྱམས་བརྩེ་གནང་བ་ནི་གནང་མཁན་གྱི་བཟང་སྤྱོད་ཆུད་ཟོས་སུ་ཕྱིན་པར་མ་ཟད། ཁོ་རང་ཁོ་རང་གི་བཟང་སྤྱོད་ཀྱི་ན་ཚའི་འོག་ཏུ་ལྷུང་ནས་ཉེས་པ་ཕོགས་མཁན་དང་སྡུག་བསྔལ་མྱོང་མཁན་དུ་འགྱུར་པས། བཟང་པོ་དང་མཐུན་པའི་གནད་དོན་གལ་ཆེན་ཞིག་དང་འཕྲད་སྐབས། ངེས་པར་དུ་མི་ངན་དེ་རིགས་ལ་གདོང་ལེན་གྱིས་ཁ་གཏད་གཅོག་པ་དང་ཉེན་ཁའི་དཀའ་ངལ་དེ་དག་གི་ཁུར་ལེན་བྱ་དགོས། “ ཞེས་ མཁས་དབང་ William James ཡིས་གསུངས་ཡོད།
མཁས་དབང་ William James ཡི་བཀའ་མོལ་འདི་ནི། གོང་ས་མཆོག་གི་དབུ་མའི་ལམ་གྱི་གནས་སྟངས་ལ་འགྲེལ་བཤད་གནང་པ་ལྟར་གྱུར་ཡོད། འཛམ་གླིང་བདེ་བ་ཅན་གྱི་ཞིང་ཁམས་སུ་སྒྱུར་བར་འདོད་མཁན་སུ་ཡིན་ཡང་། དོན་དངོས་ཀྱི་གནས་ཚུལ་ལ་ཁས་ལེན་བྱེད་དགོས། ང་ཚོ་མང་ཆེ་བ་ནི། བདེ་བ་ཅན་གྱི་ཞིང་ཁམས་སུ་བསྡད་མེད་པ་མ་ཟད། མི་ངན་ཆུ་སྲིན་དང་དུག་སྦྲུལ་འདྲ་བ་ (crocodiles and boa-constrictors ) དེ་ཚོ་དང་མཉམ་དུ་གནས་ཡོད་པས། དེ་ཚོས་ང་ཚོ་ཟ་རྒྱུའི་གོ་སྐབས་ལ་སྒུགས་ནས་བསྡད་ཡོད། དེར་བརྟེན། མི་ངན་ཆུ་སྲིན་དང་དུག་སྦྲུལ་འདྲ་བ་དེ་ཚོ་ལ་ཡིད་ཆེས་ནམ་ཡང་བྱ་མི་འོས་པ་ཡིན།
གལ་སྲིད་རྒྱ་ནག་གུང་ཁྲན་སྲིད་གཞུང་དེ་རྩ་མེད་དུ་འབྱུང་སྲིད་པའི་དབང་དུ་བཏང་ཡང་། ང་ཚོས་གནས་སྟངས་ཅི་ཞིག་བྱུང་མིན་མི་ཤེས། རྒྱ་ནག་གིས་ལོ་ངོ་ ༧༠ ནང་དུ་བོད་ལ་དབང་བསྒྱུར་བྱས་པའི་གནས་ཚུལ་ཙམ་ལས། གཞན་བོད་ཀྱི་སྡུག་བསྔལ་སེལ་བའི་རྟགས་མཚན་ཞིག་མཐོང་རྒྱུ་མེད་པ་རེད།
ལོ་རྒྱུས་ཀྱི་ཁྲོད་དུ་བོད་ནི། ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ཁྲོད་དུ་བར་གནས་ཀྱི་རྒྱལ་ཁབ་བྱས་ཏེ་བསྡད་ཡོད་ལ། སྐུ་མདུན་རང་གི་དགོངས་པ་ལྟར་བོད་དེ་མ་འོངས་པར་ཡང་རྒྱ་དཀར་ནག་གཉིས་ཀྱི་དབུས་སུ་བར་གནས་ཀྱི་ཞི་བདེའི་རྒྱལ་ཁབ་ཅིག་དང་། འབྲེལ་ལམ་བཟོ་མཁན་གྱི་ཟམ་པ་ལྟ་བུའི་ངོ་བོར་གནས་རྒྱུ་དེ་ཧ་ཅང་གི་གལ་ཆེན་ཞིག་ཡིན། དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་ཞི་བའི་ལྟ་གྲུབ་དང་ཡང་མཐུན་ཡོད། ལྷག་པར་དུ་བོད་ནི་ས་ཁྱོན་ཆེ་ཞིང་། མི་འབོར་ཉུང་བས་དབང་གིས་བོད་པ་གཅིག་པུས་བོད་ཀྱི་ས་མཚམས་ཚང་མ་སྲུང་སྐྱོབས་མི་ཐུབ་པས། ཉེ་འབྲེལ་གྱི་རྒྱལ་མཚམས་དེ་དག་དང་ལྷན་དུ་ཆིངས་ཡིག་བཞག་ནས་མཐའ་མཚམས་སྲུང་རྒྱུ་ནི་གལ་ཆེན་པོ་རེད།
Cato. ཞེས་པ་ Central Asian Treaty Organizatoin ཨེ་ཤ་ཡའི་དབུས་ཀྱི་རྒྱལ་ཁབ་རྒྱ་གར་དང་། རྒྱ་ནག ཨུ་རུ་སུ། བལ་ཡུལ། འབྲུག ཡུ་གུར། ལྷོ་སོག འབར་མ་བཅས་དང་ལྷན་དུ་མཐུན་ཕྱོགས་བསྒྲིགས་ནས་མཉམ་དུ་མཐའ་མཚམས་སྲུང་རྒྱུ་དེ། གལ་ཆེན་ཡིན་པ་མ་ཟད། གཅིག་བྱས་ན། ཉི་ཧོང་དང་ཨ་རི། ཨོ་གླིང་བཅས་ཀྱང་མཐུན་ཕྱོགས་ཚོགས་པ་དེའི་ནང་དུ་ཞུགས་འདོད་ཡོད་ཚེ། ཞུགས་བཅུག་ན། བོད་ཀྱི་མཐའ་མཚམས་སྲུང་བར་ཕན་ཐོགས་ཡག་པོ་ཡོང་ངེས་རེད། ངའི་བརྗོད་གཞི་གཙོ་བོ་ནི་བོད་ཀྱི་སྲུང་སྐྱོབ་དེ་རྒྱ་ནག་གཅིག་བུའི་ལག་ཏུ་འཇོག་མི་རུང་ཟེར་བ་དེ་ཡིན། ༧གོང་ས་མཆོག་ཚུད་པའི་ངའི་ཁ་ལ་ཉན་མཁན་ཚོ་ལ། བོད་སྐད་ནང་དུ་ཚིག་གསུམ་ཞུ་རྒྱུ་ཡོད་” ང་ཡང་ནང་པ་ཡིན་ལ། ང་ཡང་བོད་པ་ནང་བཞིན་ཡིན། ལྷ་རྒྱལ་ལོ་ ” ཞེས་ངའི་ཚིག་མཐའ་མའི་མྱ་ངན་གྱི་གདུང་འབོད་གཙོ་བོ་དེ་དག་ཡིན་པ་ལས་རེ་བ་གཙོ་བོར་འཛིན་གྱི་མེད། ལྷ་རྒྱལ་ལོ། ལྷ་རྒྱལ་ལོ།
————————-
འདི་གའི་རྩོམ་སྒྲིག་པས་མཆན་བཏབ་པ། ཚད་མཐོའི་རང་སྐྱོང་ལེགས་སམ་རང་བཙན་ལེགས། ཞེས་པའི་རྩོམ་པ་པོ་ John Billington མཆོག་ནི། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་མཆོག་རྒྱ་གར་དུ་ཆིབས་བསྒྱུར་མཛད་ནས། བདུན་ཕྲག་ཁ་ཤས་ཀྱི་རྗེས་ལ་དབྱིན་ལན་དུ་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་དང་པོ། བོད་ཀྱི་སྤྱི་ཚོགས། ཞེས་པ་དེ་ཁྲིམས་མཐུན་དེབ་སྐྱེལ་བྱས་ནས་བཙུགས་གནང་མཁན་ཡིན་པ་དང་། ཚོགས་པ་དེའི་དྲ་ཚིགས་ལ་གཟིགས་འདོད་ཡོད་ན། www.tibetsosiety.com ཞེས་པ་དེ་རེད་འདུག སྐུ་ཞབས་ John Billington མཆོག བོད་ཀྱི་སྤྱི་ཚོགས་ཞེས་པའི་ཚོགས་པ་དེའི་འགན་འཛིིན་དང་བོད་ཀྱི་ཐེབས་རྩའི་སྐུ་ཚབ་ཀྱི་མཚན་གནས་ཀྱང་བཞེས་མྱོང་ཡོད། བོད་ཀྱི་སྤྱི་ཚོགས་ཞེས་པའི་ཚོགས་པའི་དམིགས་ཡུལ་ནི། བོད་མིའི་རང་དབང་རང་བཙན་ཐོག་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་ཞིང་། ༧གོང་ས་མཆོག་དང་དགུང་ན་མཉམ་པ་ཡིན་པའི་སྐུ་ཞབས་ John Billington མཆོག་ནི། དབྱིན་ལན་ནས་ཡིན་པ་མ་ཟད། དབྱིན་ལན་ཌི་ཨོག་སིཧྥོར་མཐོ་རིམ་སློབ་གྲྭ་ནས་སློབ་མཐར་ཕྱིན་པ་ཞིག་དང་། ཁོང་ཕྱི་ལོ་ ༡༩༥༨ ཙམ་ནས་བོད་དོན་ཐོག་ལ་ཐུགས་སྣང་ཆེས་ཆེར་སླེབས་འདུག ཉེ་ཆར་ཕྱི་ལོ་ ༢༠༢༢/༡༢/༣ ལ། ༧རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནང་༧གོང་ས་མཆོག་སྐུ་ངོ་མའི་དྲུང་དུ་དངོས་སུ་མཇལ་ཁ་བཅར་ནས། བོད་རང་བཙན་དང་འབྲེལ་བའི་གནད་དོན་གལ་གནད་ཅན་འགའ་ཞིག་ཡར་ཞུ་བྱས་པའི་རྗེས། ཚད་མཐོའི་རང་སྐྱོང་ལེགས་སམ་རང་བཙན་ལེགས། ཞེས་པའི་རྩོམ་ཡིག་དེ་བྲིས་གནང་པ་དང་དེ་ཡང་དབུ་མའི་ལམ་ལ་ནུས་པ་མེད་པ་དང་ཡིད་ཆེས་མེད། ཅེས་པའི་ནང་དོན་དེའི་ཁྱབ་ཁོངས་ནས། དོན་དངོས་ཀྱི་གནས་ལུགས་མང་པོ་ཞིག་ལ་ངོ་སྤྲོད་གནང་ཤག
གོང་འཁོད་རྩོམ་ཡིག་དེ། ཡོང་ཁུངས་ཕ་ཡུལ་དྲ་ཚིགས་ www.phayul.com
གནམ་འོག་གི་གསར་འགྱུར་ཚན་པས། རེ་སྐུལ་ཞུས་པ་ལྟར། རྩོམ་ཡིག་དེ་བོད་སྒྱུར་ཞུ་མཁན། བོད་ཀྱི་མང་གཙོ་ཉམས་པ་སླར་གསོ་ཚོགས་པའི་རྒྱལ་ཡོངས་སྤྱི་ཁྱབ་ཚོགས་གཙོ། བོད་མདོ་སྨད་ཀྱི་རྩོམ་པ་པོ་དང་ལོ་ཙྭ་བ་ཨ་ནུ་ཐང་བསོད་ནམས་ལགས་ཡིན་པ་བཅས་ཀྱི་ངོ་སྤྲོད་དུ། རྩོམ་སྒྲིག་པས་