བོད་རྒྱ་ཞི་མོལ་ལས་དོན་ཚོཌ་ཆུང་གི་བཞུཌ་མོལ་ཚོགས་འདུ་རྡ་སར་བསྡུས།
ཐེངས་ 7677 བཀླགས་འདུག
བཞུགས་སྒར་དུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ལྷན་ཚོགས་ཐེངས་ཉེར་བདུན་པ་དབུ་འཛུགས་གནང་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༥ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ (Asian health Resort ) ཨེ་ཤི་ཡན་ཧལ་ཐ་རི་སོ་ཌི། ཞེས་པའི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ལྷན་ཚོགས་ཐེངས་ཉེར་བདུན་པ་དབུ་འཛུགས་གནང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་ཚོགས་ཡོད་ཅིང་། ཐེངས་འདིར་ཉིན་གྲངས་གཉིས་རིང་གི་ལྷན་ཚོགས་སྐབས་ད་ལྟའི་བོད་དང་རྒྱ་ནག་ནང་གི་གནས་སྟངས་ལ་གཞིགས་ནས་འབྲེལ་མོལ་གྱི་ལས་རིམ་བསྐྱར་གསོ་ཐུབ་རྒྱུའི་ཐོག་བསྐྱར་ཞིབ་གནང་རྒྱུ་ཡིན་འདུག བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་འདི་བཞིན་གསར་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། འཚེ་མེད་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་བཞིན་བོད་རྒྱ་མི་རིགས་ཕྱོགས་གཉིས་ཀྱི་མོས་མཐུན་ཐོག་ནས་གསལ་ཐབས་ཀྱི་ཐབས་ལམ་འཚོལ་རྒྱུའི་སྲིད་བྱུས་ཐོག་རོགས་ཕན་ཡོང་ཆེད་ཡིན་འདུག གནས་ཚུལ་ཡོང་ཁུངས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།