མཛོད་དགེ་སྟག་ཚ་གྲོང་པར་དྲག་ཆར་གྱིས་ཆུ་ལོག་རྒྱུགས་འདུག
ཐེངས་ 7474 བཀླགས་འདུག
མཛོད་དགེ་རུ་ཆུ་ལོག་རྒྱུཊ།
སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ་དུ་དྲག་ཆར་གྱི་རྐྱེན་པས་ཆུ་ལོག་བྱུང་སྟེ། ས་གནས་ཀྱི་ཁྱིམ་ཚང་ ༢༠༠ ལྷག་ལ་གནོད་སྐྱོན་བཟོས་ཡོད་འདུག
བོད་ནང་གི་བཙན་པོའི་མགར་གྱི་དྲ་བར་གནས་ཚུལ་བཀོད་པ་ལྟར་ན། ཟླ་འདིའི་ཚེས་ ༡༨ ཉིན་གྱི་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༡༡།༠༠ ཡས་མས་སུ། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ་དུ་དྲག་ཆར་གྱི་རྐྱེན་པས་ཆུ་ལོག་རྒྱུགས་ཏེ། མཁར་གྲོང་གི་བོད་རིགས་ཁྱིམ་ཚང་ ༢༠༠ ལྷག་གི་སྡོད་ཁང་སོགས་ཆུས་བསྣུབས་ཏེ་གྱོང་གུད་ཚབས་ཆེན་བཟོས་ཡོད་འདུག་ལ། ཉེ་བའི་ཆར་སྟག་ཚ་དགོན་པའི་གྲྭ་བཙུན་དང་། ས་གནས་སྲིད་གཞུང་གི་མི་སྣ། དང་བླངས་པ་བཅས་ཡུལ་དངོས་སུ་འབྱོར་ཏེ་གནོད་ཐེབས་མ་མང་ལ་རོགས་སྐྱོར་བྱེད་ཀྱི་ཡོད་འདུག གནས་ཚུལ་ཡོང་ཁུངས་བོད་ཀྱི་དུས་བབ། འདོན་སྤེལ། ༢༠༡༤/༠༩/༢༢