ལྷ་སའི་ཕྱོཌ་སུ་སེམས་འཚབ་བྱ་དགོས་པའི་གནས་ཚུལ་ཞིག་ཐོན་འདུག
ཐེངས་ 7897 བཀླགས་འདུག
སེམས་འཚབ་བྱ་དགོས་པའི་གསར་འགྱུར་ཞིག་འདུག བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཟི་ཕུག་གྲོང་ཚོ་འགའ་ཞིག་ཏུ། རྒྱ་ནག་གིས་གཏེར་ཁ་སྔོག་འདོན་བྱས་པའི་ལས་དོན་གྱི་རྐྱེན་པས་ད་ཆ་དུག་ཆུ་རྣམས་རྒྱུན་ལྡན་གྱི་མི་དང་སེམས་ཅན་གྱི་འཐུང་ཆུའི་ནང་དུ་རྒྱུག་བཞིན་ཡོད་པ་མ་ཟད། དུག་ཆུ་དེས་རྐྱེན་པས་སྐམ་ལ་གནས་པའི་སེམས་ཅན་མང་པོས་ཆུ་དེས་འཆི་བ་དང་། ཆུ་ནང་གི་འབུ་སྲིན་དང་ཉ་རིགས་རྣམས་ཀྱང་ཤི་ནས་ད་ཆ་ཕལ་ཆེར་མཐོང་རྒྱུ་མེད་པར་གྱུར་ཡོད། ཆུ་དེ་ཡུལ་མི་ཞིང་པ་ཚོའི་འཚོ་རྟེན་ཞིང་ཁར་འདྲེན་སྐབས་ལོ་ཏོག་མ་སྐྱེས་པ་སོགས་ཐབས་སྡུག་པའི་གནས་སྟངས་བྱུང་བ། ཟི་ཕུག་གྲོང་ཚོའི་གྲོང་མི་རྣམས་ནི་ཞིང་འབྲོག་གཉིས་ཀྱི་འཚོ་བ་ལ་བརྟེན་དགོས་པས།
ཆུའི་དཀའ་ངལ་དེ་དག་ལ་བརྟེན་ནས་ཧ་ལམ་འཚོ་བ་སྐྱེལ་མི་ཐུབ་པའི་གནས་སུ་གྱེར་ཉེན་ཆེ། དེ་ལས་ཚབས་ཆེ་བའི་གནད་དོན་ཞིག་ནི། ཆུ་དེ་མལ་གྲོ་གཙང་ཆུ་བརྒྱུད་ནས་ལྷ་ས་སྐྱིད་ཆུའི་ནང་དུ་རྒྱུགས་པ་དང་། དེ་ནས་ཡར་ཀླུང་གཙང་པོའི་ནང་དུ་རྒྱུགས་ནས་ཐར་བལ་ཡུལ་དང་རྒྱ་གར་སོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་བཞུར་བཞིན་ཡོད་པས། འཛམ་གླིང་ཀུན་ལ་གནོད་ཚབས་ཆེ་བའི་གཏེར་དོན་ལས་གཞི་དེ་རིགས། བློ་གཟུ་བོར་གནས་པའི་འཛམ་གླིང་མི་དམངས་རྣམས་ཀྱིས་བཀག་འགོག་གནང་རྒྱུར་རོགས་རམ་དང་ཛ་དྲག་གིས་འབོད་བསྐུལ་ཞུ་རྒྱུ་ཡིན། ཞེས་གནས་ཚུལ་མཁོ་གཏོང་བ་དགེ་བཤེས་ཕུན་ཚོགས་འཁྲུངས་ནས།
