རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་དྲུང་ཆེ་ནས་དགོངས་པ་ཞུས་ཡོད།
ཐེངས་ 8690 བཀླགས་འདུག
གསལ་བསྒྲགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་དྲུང་ཆེ་ནས་ལས་གནས་ནས་དགོངས་པ་ཞུས་ཡོད། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༣ ཉིན། བོད་ཀྱི་རྒྱལ་ཡོངས་གཙོ་ཚོགས་པ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༢༠ འཁོར་བའི་མཛད་སྒོ་དེ་གཞི་རྒྱ་ཆེན་པོའི་སྒོ་ནས་བོད་གཞུང་ཟློས་གར་དུ་ཚོགས་ནས་རྒྱལ་ཁའི་ངང་གྲོལ་བ་རེད། དེའི་གསར་འགྱུར་ཀྱང་ཨ་རིའི་ཀུན་གླེང་གསར་འགྱུར་གྱིས་གཙོས་བོད་ཀྱི་གསར་ལམ་ཁག་ཕལ་ཆེ་བ་ནས་དོ་སྣང་དང་གསལ་བསྒྲགས་ཤུགས་ཆེན་པོ་ཕྱིན་ཡོད། དེའི་ཉིན་གཉིས་པ་སྟེ། ཕྱི་ཟླ་ ༩ ཚེས་ ༤ ཉིན། གུས་པ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་དྲུང་ཆེའི་མིང་ཅན་དགེ་བཤེས་སེར་སྨད་བློ་དགའ་ནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་རྒྱུན་ལས་ཙམ་མ་ཟད། ཚོགས་མི་ནས་ཀྱང་དགོངས་ཞུའི་དགོངས་ཤོག་ཕུལ་ཏེ།
ཚོགས་གཙོ་རང་ཉིད་ནས། ང་རང་ཚོས་ངོས་ནས་དགོངས་ཞུའི་ཡིག་ཐོག་ན་གང་ཡོད་པ་དེར་དགོངས་ཁྲོལ་ཐོབ་པར་ཐག་གཅོད་གཙང་མ་ཡིན། ཞེས་གསལ་པོ་གསུངས་ཡོད། དེར་བརྟེན་དེ་རིང་ནས་བཟུང་ཕྲན་དགེ་བཤེས་སེར་སྨད་བློ་དགའ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྒྱུན་ལས་དང་ཚོགས་མི་ནས་དགོངས་ཁྲོལ་ཡོངས་སུ་ཐོབ་ཟིན་པ་ཡིན་པས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་འབྲེལ་བ་བྱ་དགོས་རིགས་བྱུང་ཚེ་གུས་པར་འབྲེལ་བ་མ་གནང་རོགས་ཞུ་བཞིན་ཡོད། ཕྲན་གྱིས་དེ་སྔ་སྦེལ་ཀོབ་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་གསར་དུ་བཙུགས་པ་དང་དེའི་རྒྱུན་ལས། ཚོགས་གཙོ་བཅས་ལོ་མང་རིང་བྱས་མཐར། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༦ ཚེས་ ༡ ཉིན་ནས། མུ་མཐུད་དབུས་རྒྱུན་ལས་ཀྱི་སྤྱི་ཁྱབ་དྲུང་ཆེའི་ཞབས་ཕྱི་ཞུས་ཏེ་མི་ལོ་ ༢ དང་ཟླ་བ་ ༣ ལྷག་ཕྱིན་པའི་རྗེས་སུ་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༩ ཚེས་ ༤ ཉིན། བཀྲ་ཤིས་བདེ་ལེགས་ངང་ལས་མཚམས་བཞག་པ་ཡིན། ཞེས་པའི་གསལ་བསྒྲགས་སུ་སེར་སྨད་རྡ་ས་སྨྱུང་གནས་གཙུག་ལག་ཁང་གི་འགན་འཛིན་དགེ་བཤེས་སེར་སྨད་བློ་དགའ་ནས་ཕུལ།། །།