རྒྱ་ནག་གིས་བོད་དུམ་བུར་བཏང་བའི་ས་ཁུལ་ངོ་སྤྲོད།
ཐེངས་ 8957 བཀླགས་འདུག
བོད་ཀྱི་ལོ་རྒྱུས་ནས་བྱུང་བའི་ཆོལ་གསུམ་ཡོངས་རྫོགས་གཅིག་ཏུ་སྒྲིལ་བའི་བོད་ཀྱི་ཡུལ་ཁམས་རྒྱ་ནག་གིས་དུམ་བུར་བཏང་སྟེ། ལྗོངས་གཅིག་དང་ཞིང་ཆེན་ཁག་བཞིར་དབྱེ་བའི་སྐོར། ལར་ནས་བོད་རིགས་འཚོ་སྡོད་བྱེད་པའི་བོད་ཀྱི་མངའ་ཁུལ་ས་ཁྱོན་རྒྱལ་ཁབ་གཞན་གྱི་ཁོངས་སུ་ཡོད་པ་ཕུད། རྒྱ་ནག་རང་ཉིད་ཀྱིས་བོད་དུམ་བུར་བཏང་བའི་ད་ལྟའི་གནས་སྟངས་དང་སྒྲོམ་བཞིའི་ངོ་སྤྲོད།
བོད་རང་སྐྱོང་ལྗོངས་ཏེ་ལྗོངས་གཅིག་དང་། མཚོ་སྔོན། སི་ཁྲོན་དང་། ཡུན་ནན། ཀན་སུའུ་ཞིང་ཆེན་ཏེ་ཁྱོན་ཞིང་ལྗོངས་ལྔ་རུ་དབྱེ་ཡོད་ལ། བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་གྲོང་ཁྱེར་དང་རྫོང་བཅས་ཁྱོན་ ༧༣ ། སི་ཁྲོན་ཞིང་ཆེན་དུ་རྫོང་ ༣༢ ། མཚོ་སྔོན་ཞིང་ཆེན་དུ་གྲོང་ཁྱེར་དང་རྫོང་ ༣༩ ། ཡུན་ནན་ཞིང་ཆེན་དུ་རྫོང་ ༣། ཀན་སུའུ་ཞིང་ཆེན་དུ་གྲོང་ཁྱེར་ ༡ དང་རྫོང་ ༩ ཡོད། ཞིང་ལྗོངས་ལྔའི་ཁྱོན་སྡོམ་གྲོང་ཁྱེར་དང་རྫོང་ཁག་ ༡༥༧ ཡོད།
དང་པོ། བོད་རང་སྐྱོང་ལྗོངས།
བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ། ལྷ་ས་གྲོང་ཁྱེར་དང་། གཞིས་ཀ་རྩེ་གྲོང་ཁྱེར། ཆབ་མདོ། ལྷོ་ཁ། ནག་ཆུ། མངའ་རིས། ཉིང་ཁྲི་ས་ཁུལ་ཏེ་ཚན་ཁག་བདུན་དུ་དབྱེ་ཡོད། ལྷ་སའི་མངའ་ཁོངས་སུ་གྲོང་ཁྱེར་གཅིག་དང་རྫོང་བདུན་ཡོད། ༡ ལྷ་ས་གྲོང་ཁྱེར། ༡ ལྷུན་གྲུབ་རྫོང་། ༢ འདམ་གཞུང་རྫོང༌། ༣ སྙེ་མོ་རྫོང༌། ༤ སྟོད་ལུང་བདེ་ཆེན་རྫོང༌། ༥ ཆུ་ཤུར་རྫོང༌། ༦ སྟག་རྩེ་རྫོང༌། ༧ མལ་གྲོ་གུང་དཀར་རྫོང༌བཅས་སོ།
གཞུང་ས་ཉིང་ཁྲི་བྱས་པའི་ཉིང་ཁྲི་ས་ཁུལ་དུ་རྫོང་ཁག་བདུན་ཡོད། ༡ ཉིང་ཁྲི་གྲོང་བརྡལ། ༢ སྤྲ་མོག་རྫོང༌། ༣ རྫ་ཡུལ་རྫོང༌། ༤ མེ་ཏོག་རྫོང༌། ༥ སྨིན་གླིང་རྫོང༌། ༦ ཀོང་པོ་རྒྱ་མདའ་རྫོང༌། ༧ སྣང་རྫོང་བཅས་སོ།།
གཞུང་ས་གཞིས་ཀ་རྩེར་བྱས་པའི་གཞིས་རྩེ་ས་ཁུལ་དུ་གྲོང་ཁྱེར་དང་རྫོང་ཁག་བཅོ་བརྒྱད་ཡོད། ༡ གཞིས་རྩེ་གྲོང་ཁྱེར། ༡ གཉའ་ལམ་རྫོང་། ༢ འབྲོང་པ་རྫོང༌། ༣ ས་དགའ་རྫོང༌། ༤ སྐྱིད་གྲོང་རྫོང༌། ༥ ངམ་རིང་རྫོང༌། ༦ ལྷ་རྩེ་རྫོང༌། ༧ ས་སྐྱ་རྫོང༌། ༨ གཏིང་སྐྱེས་རྫོང༌། ༩ གམ་པ་རྫོང༌། ༡༠ དིང་རི་རྫོང༌། ༡༡ པ་སྣམ་རྫོང༌། ༡༢ རྒྱལ་རྩེ་རྫོང༌། ༡༣ རིན་སྤུངས་རྫོང༌། ༡༤ བཞད་མཐོང་སྨོན་རྫོང༌། ༡༥ རྣམ་གླིང་རྫོང༌། ༡༦ ཁང་དམར་རྫོང༌། ༡༧ གྲོ་མོ་རྫོང༌བཅས་སོ།།
གཞུང་ས་ཆབ་མདོ་བྱས་པའི་ཆབ་མདོ་ས་ཁུལ་དུ་རྫོང་ཁག་བཅུ་གཅིག་ཡོད། ༡ ཆབ་མདོ་རྫོང༌། ༢ འཇོ་མདའ་རྫོང༌། ༣ གོ་འཇོ་རྫོང༌། ༤ སྨར་ཁམས་རྫོང༌། ༥ མཛོ་སྒང་རྫོང༌། ༦ བྲག་གཡབ་རྫོང༌། ༧ དཔའ་ཤོད་རྫོང༌། ༨ རི་བོ་ཆེ་རྫོང༌། ༩ སྟེང་ཆེན་རྫོང༌། ༡༠ ལྷོ་རོང་རྫོང༌། ༡༡ དཔལ་འབར་རྫོང་བཅས་སོ།།
གཞུང་ས་རྩེད་ཐང་བྱས་པའི་ལྷོ་ཁ་ས་ཁུལ་དུ་རྫོང་བཅུ་གཉིས་ཡོད། ༡ སྣེ་གདོང་རྫོང༌། ༢ གོང་དཀར་རྫོང༌། ༣ གྲ་ནང་རྫོང༌། ༤ ཟངས་རི་རྫོང༌། ༥ ཆུ་གསུམ་རྫོང༌། ༦ རྒྱ་ཚ་རྫོང༌། ༧ ལྷུན་རྩེ་རྫོང༌། ༨ མཚོ་སྣང་རྫོང༌། ༩ འཕྱོང་རྒྱས་རྫོང༌། ༡༠ མཚོ་སྨད་རྫོང༌། ༡༡ སྣ་དཀར་རྫོང༌། ༡༢ ལྷོ་བྲག་རྫོང་བཅས་སོ།།
གཞུང་ས་ནག་ཆུ་བྱས་པའི་ནག་ཆུ་ས་ཁུལ་དུ་རྫོང་ཁང་བཅུ་ཡོད། ༡ ནག་ཆུ་རྫོང༌། ༢ སྦྲ་ཆེན་རྫོང༌། ༣ སོག་རྫོང༌། ༤ འབྲི་རུ་རྫོང༌། ༥ ཨ་མདོ་རྫོང༌། ༦ ལྷ་རི་རྫོང༌། ༧ དཔལ་མགོན་རྫོང༌། ༨ ཤན་ཚ་རྫོང༌། ༩ སྙན་རོང་རྫོང༌། ༡༠ ཉི་མ་རྫོང་བཅས་སོ།
གཞུང་ས་མངའ་རིས་བྱས་པའི་མངའ་རིས་ས་ཁུལ་དུ་རྫོང་ཁག་བདུན་ཡོད། ༡ མངའ་རིས་སྒར་རྫོང༌། ༢ རུ་ཐོག་རྫོང༌། ༣ དགེ་རྒྱལ་རྫོང༌། ༤ སྒེར་རྩེ་རྫོང༌། ༥ མཚོ་ཆེན་རྫོང༌། ༦ སྤུ་ཧྲེང་རྫོང༌། ༧ རྩ་མདའ་རྫོང་བཅས་སོ།།
གཉིས་པ། མཚོ་སྔོན་ཞིང་ཆེན།
མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ། རྨ་ལྷོ་དང་། མཚོ་ལྷོ། མཚོ་བྱང་། མགོ་ལོག ཡུལ་ཤུལ། མཚོ་ནུབ་བཅས་རང་སྐྱོང་ཁུལ་དྲུག་དང་། ཟི་ལིང་གྲོང་ཁྱེར། ན་གོར་མོ་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར་བཅས་གྲོང་ཁྱེར་གསུམ། མཚོ་ཤར་བོད་རིགས་རང་སྐྱོང་ཁུལ་བཅས་ཡོད།
གཞུང་ས་རེབ་གོང་བྱས་པའི་རྨ་ལྷོ་ས་ཁུལ་དུ་རྫོང་ཁག་བཞི་ཡོད། ༡ རེབ་གོང་རྫོང༌། ཐུན་རིན་རྫོང་ཡང་ཟེར། ༢ གཅན་ཚ་རྫོང༌། ༣ རྩེ་ཁོག་རྫོང༌། ༤ ཡུ་སྒང་རྫོང་བཅས་སོ།།
གཞུང་ས་སེམས་ཉིད་བྱས་པའི་མཚོ་བྱང་ས་ཁུལ་དུ་རྫོང་ཁག་བཞི་ཡོད། ༡ སེམས་ཉིད་རྫོང༌། ༢ མདའ་བཞི་རྫོང༌། ༣ མདོ་ལ་རྫོང༌། ༤ རྐང་ཚ་རྫོང་བཅས་སོ།།
གཞུང་ས་ཆབ་ཆ་བྱས་པའི་མཚོ་ལྷོ་ས་ཁུལ་དུ་རྫོང་ཁག་ལྔ་ཡོད། ༡ ཆབ་ཆ་རྫོང༌། ༢ གད་པ་སུམ་མདོ་རྫོང༌། ༣ ཁྲི་ཀ་རྫོང༌། ༤ མང་ར་རྫོང༌། ༥ རྩི་གོར་ཐང་རྫོང་བཅས་སོ།།
གཞུང་ས་རྨ་ཆེན་བྱས་པའི་མགོ་ལོག་ས་ཁུལ་དུ་རྫོང་ཁག་བདུན་ཡོད། ༡ རྨ་ཆེན་རྫོང༌། ༢ གཅིག་སྒྲིལ་རྫོང༌། ༣ པད་མ་རྫོང༌། ༤ དགའ་བདེ་རྫོང༌། ༥ དར་ལག་རྫོང༌། ༦ རྨ་སྟོད་རྫོང་བཅས་སོ།།
གཞུང་ས་སྐྱེ་རྒུ་མདོ་བྱས་པའི་ཡུལ་ཤུལ་ས་ཁུལ་དུ་རྫོང་ཁག་དྲུག་ཡོད། ༡ ཡུལ་ཤུལ་རྫོང༌། ༢ ཆུ་དམར་ལེབ་རྫོང༌། ༣ འབྲི་སྟོད་རྫོང༌། ༤ ནང་ཆེན་རྫོང༌། ༥ ཁྲི་འདུ་རྫོང༌། ༦ རྫ་སྟོད་རྫོང་བཅས་སོ།།
གཞུང་ས་གཏེར་ལེན་ཁ་བྱས་པའི་མཚོ་ནུབ་ས་ཁུལ་དུ་གྲོང་ཁྱེར་གཉིས་དང་རྫོང་ཁག་གསུམ་ཡོད། ༡ གཏེར་ལེན་ཁ་གྲོང་ཁྱེར། ༢ ན་གོར་མོ་གྲོང་ཁྱེར། ༡ ཝུའུ་ལན་རྫོང༌། ༢ ཏུའུ་ལན་རྫོང༌། ༣ ཐེམ་ཆེན་རྫོང༌བཅས་སོ།།
ཟི་ལིང་གྲོང་ཁྱེར་གྱི་མངའ་ཁོངས་སུ་རྫོང་གསུམ་ཡོད། ༡ གསེར་ཁོག་རྫོང༌། ༢ སྐུ་འབུམ་རྫོང༌། ༣ སྟོང་སྐོར་རྫོང་བཅས་སོ།།
གཞུང་ས་ཙོང་ཁ་བྱས་པའི་མཚོ་ཤར་ས་ཁུལ་དུ་རྫོང་ཁག་དྲུག་ཡོད། ༡ ཙོང་ཁ་རྫོང༌། ༢ གྲོ་ཚང་རྫོང༌། ༣ བ་ཡན་རྫོང༌། ༤ བཀའ་མ་ལོག་རྫོང༌། ༥ ཡ་རྫི་རྫོང༌། ༦ དགོན་ལུང་རྫོང་བཅས་སོ།།
གསུམ་པ། སི་ཁྲོན་ཞིང་ཆེན།
གཞུང་ས་འབར་ཁམས་སུ་བྱས་པའི་སི་ཁྲོན་རྔ་བ་བོད་རིགས་རང་སྐྱོང་ཁུལ་དུ་རྫོང་ཁག་བཅུ་གསུམ་ཡོད། ༡ འབར་ཁམས་རྫོང༌། ༢ རྣམ་འཕེལ་རྫོང༌། ༣ མཛོད་དགེ་རྫོང༌། ༤ རྔ་བ་རྫོང༌། ༥ རྐ་ཁོག་རྫོང༌། ༦ ཟུང་ཆུ་རྫོང༌། ༧ ཛམ་ཐང་རྫོང༌། ༨ ཆུ་ཆེན་རྫོང༌། ༩ ཁྲོ་ཆུ་རྫོང༌། ༡༠ ལིས་རྫོང་། ༡༡ མའོ་ཝུན་རྫོང༌། ༡༢ ལུང་དགུ་རྫོང༌། ༡༣ བཙན་ལྷ་རྫོང་བཅས་སོ།།
གཞུང་ས་དར་རྩེ་མདོ་བྱས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་རྫོང་ཁག་བཅོ་བརྒྱད་ཡོད། ༡ དར་རྩེ་མདོ། ༢ སེར་ཤུལ་རྫོང༌། ༣ སྡེ་དགེ་རྫོང༌། ༤ དཔལ་ཡུལ་རྫོང༌། ༥ ཉག་རོང་རྫོང༌། ༦ དཀར་མཛེས་རྫོང༌། ༧ བྲག་མགོ་རྫོང༌། ༨ གསེར་རྟ་རྫོང༌། ༩ རྟའུ་རྫོང༌། ༡༠ རོང་བྲག་རྫོང༌། ༡༡ ཉག་ཆུ་རྫོང༌། ༡༢ ལི་ཐང་རྫོང༌། ༡༣ འབའ་ཐང་རྫོང༌། ༡༤ འདབ་པ་རྫོང༌། ༡༥ ཆ་ཕྲེང་རྫོང༌། ༡༦ སྡེ་རོང་རྫོང༌། ༡༧ བརྒྱད་ཟིལ་རྫོང༌། ༡༨ ལྕགས་ཟམ་རྫོང་བཅས་དང་། སི་ཁྲོན་ལོ་སོ་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་རྨི་ལི་བོད་རིགས་རང་སྐྱོང་རྫོང་གཅིག་ཀྱང་ཡོད།
བཞི་པ། ཡུན་ནན་ཞིང་ཆེན།
གཞུང་ས་རྒྱལ་ཐང་བྱས་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་རྫོང་ཁག་གསུམ་ཡོད། ༡ རྒྱལ་ཐང་རྫོང༌། ༢ བདེ་ཆེན་རྫོང༌། ༣ འབའ་ལུང་རྫོང་བཅས་སོ།།
ལྔ། ཀན་སུའུ་ཞིང་ཆེན།
ཀན་སུའུ་ཞིང་ཆེན་གྱི་མངའ་ཁོངས་སུ། གཞུང་ས་གཙོད་གྲོང་ཁྱེར་བྱས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གྲོང་ཁྱེར་གཅིག་དང་རྫོང་ཁག་བདུན་ཡོད། ༡ གཙོད་གྲོང་ཁྱེར། ༡ བ་རྩེ་རྫོང་། ༢ ཅོ་ནེ་རྫོང༌། ༣ བསང་ཆུ་རྫོང༌། ༤ ཀླུ་ཆུ་རྫོང༌། ༥ རྨ་ཆུ་རྫོང༌། ༦ ཐེ་བོ་རྫོང༌། ༧ འབྲུག་ཆུ་རྫོང་བཅས་དང་། ཡང་། ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་། ཀན་སུའུ་ཞིང་ཆེན་ཡུ་ཁུའི་རིགས་རང་སྐྱོང་རྫོང་བཅས་རྫོང་གཉིས་ཡོད།
གོང་གསལ་གྱི་རྫོང་དང་གྲོང་ཁྱེར་བཅས་ཀྱི་ངོ་སྤྲོད་ནི། བོད་ནང་དུ། རྒྱ་ནག་གིས་དབྱེ་བའི་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། མཚོ་སྔོན། ཀན་སུའུ། བཅས་ནས་པར་སྐྲུན་བྱས་པའི་ཡིག་ཆར་གཞིར་བཟུང་བ་མ་གཏོགས། བཙན་བྱོལ་ནང་རྩོམ་པ་པོ་དང་ང་མཁས་པར་རློམ་པའི་མི་བུ་རེ་གཉིས་ནས། ཟིན་བྲིས་སོགས་སུ་བཀོད་པ་ཉུང་ཤས་ཤིག་ཡོད་པ་ནི། ཆ་མི་ཚང་བ་དང་གྲངས་ནོར་བ། ཕྱོགས་ཞེན་དང་འཐེན་འཁྱེར་ཁོ་ནས་དཔྱད་མི་བཟོད་པ་ཤ་སྟག་ཏུ་གྱུར་འདུག་ན། འདིར་བཀོད་མི་འོས་ཏེ། རྒྱ་ནག་རང་གིས་དུམ་བུར་བཏང་བ་དེ་དག རྒྱ་ནག་རང་ཉིད་ནས་ཞིབ་བཤེར་གྱིས་པར་འདེབས་བྱེད་པའི་ཡིག་ཆར་གཞི་བཅོལ་ན། དེ་ཉིད་དྲང་ཕྱོགས་སུ་འཛིན་དགོས་པར་རྒྱུ་མཚན་གཙོ་བོར་བཟུང་བ་ཡིན།